西藏信息网
最新:西藏二手房产、人才招聘网等新闻资讯尽在本站!
您所在的位置:首页 > 旅游攻略 > 正文

ཁོ་ཚོས་དབུལ་སྐྱོར་གྱི་དངུལ་གཡོ་ལེན་བྱས་པས་ཆད་པ་འདི་ལྟར་བཅད་འདུག

作者: 来源: 日期:2017/9/10 17:58:58 人气:22 加入收藏 标签:

ཉེ་ཆར་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་སྒྲིག་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྒྲིག་འགལ་གནད་དོན་ཁག་གཅིག་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་བྱས་ཡོད། དེའང་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་དཔེ་མཚོན་གྱི་གྱོད་དཔེ་གསུམ་བརྡ་ཁྱབ་བཏང་བ་སྟེ།

ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་རྭ་ཤང་སྤང་མདའ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་དབང་རིག་འཛིན་གྱིས་དབུལ་སྐྱོར་གསོ་སྦྱོང་གི་མ་དངུལ་གཡོ་ལེན་བྱས་ཤིང་། དེའང་2015ལོར་ཚེ་དབང་རིག་འཛིན་གྱིས་གྲོང་ཚོ་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན། ཚེ་ལོ་སྐུ་འབུམ་བོད་ལྷམ་ཞིང་ལས་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་བཅས་ཀྱི་ལས་འགན་འཁུར་རིང་རང་དགར་དུས་ཡུན་ཟླ་བ་གཅིག་ཡིན་པའི་བོད་ལྷམ་བཟོ་སྐྲུན་རྩལ་ནུས་དབུལ་སྐྱོར་གསོ་སྦྱོང་ཉིན་གཅིག་ལས་མ་བྱས་པ་དང་། ད་དུང་སྤ་སེ་རྫུས་མ་བཟོས་ནས་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསོ་སྦྱོང་མ་དངུལ་སྒོར་40008གཡོ་ལེན་བྱས་པ་དང་འབྲེལ་མཉམ་ལས་ཁང་གི་རྩིས་ཁྲར་བཅུག་པ་རེད། དེར་བརྟེན། ཚེ་དབང་རིག་འཛིན་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་རེད།

དེ་སྔའི་ལྷོ་ཁ་ས་ཁུལ་མཚོ་སྨད་རྫོང་གནས་བཞི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཕུའུ་ཀྲི་ཧྲུན་དང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་རིན་ཆེན་ཚེ་རིང་གིས་དབུལ་སྐྱོར་མ་དངུལ་གཡོ་ལེན་གྱིས“དངུལ་སྦས་ཁུང”བཙུགས་ཤིང་། དེའང་ 2011ནས་2013ལོ་བར་གནས་བཞི་ཤང་སྲིད་གཞུང་གིས་བོད་བྱ་དང་བོད་ཕག་གསོ་ཚགས་དང་། མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ། དྲོད་ལྡན་ལྷས་ར། ཞིང་ལས་ཐོན་རྫས་ལས་སྣོན་སོགས་ཀྱི་རྣམ་གྲངས་ཀྱི་མ་དངུལ་ཁྱོན་སྒོར་ཁྲི་123གཡོ་ལེན་གྱིས“དངུལ་སྦས་ཁུང”བཙུགས་ཤིང་། དེའི་ཁྲོད་ཀྱི་སྒོར་ཁྲི་5.7ཤང་ཏང་ཨུད་དང་སྲིད་གཞུང་ལ་ལག་རྟགས་ཉོ་བ་སོགས་ལ་སྤྱད་པ་དང་། སྒོར་ཁྲི་71.7ལྷག་ཙམ་ཤང་སྲིད་གཞུང་གི་གཏོང་སྒོར་སྤྱད་པ། མི་སྒེར་ལ་སྒོར་ཁྲི་10ལྷག་ཙམ་གཡར་བ། སྒོར་ཁྲི་3.5ལྷག་ཡོད་པ་བཅས་རེད། ཕུའུ་ཀྲི་ཧྲུན་དང་རིན་ཆེན་ཚེ་རིང་སྐབས་དེ་དུས་ཤང་ཏང་ཨུད་དང་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ་ཡིན་པའི་ངོས་ནས་འགོ་ཁྲིད་ཀྱི་འགན་འཁུར་དགོས་པས། ཕུའུ་ཀྲི་ཧྲུན་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་དང་། རིན་ཆེན་ཚེ་རིང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པ་དང་སྲིད་འཛིན་ལས་གནས་གནས་དབྱུང་གཏོང་བའི་ཆད་པ་བཅད་པ་དང་ཀྲུའུ་རེན་ཁོའོ་ཡོན་གཞོན་པ་གཞིར་བཟུང་ཡང་བསྐྱར་ལས་ཀ་བཀོད་སྒྲིག་བྱ་རྒྱུ་རེད།

མངའ་རིས་ས་ཁུལ་སྒེར་རྩེ་རྫོང་དབུལ་སྐྱོར་གཞུང་ལས་ཁང་གི་དེ་སྔའི་ཀྲུའུ་རེན་བུ་རྡོར་གྱིས་རྒྱལ་ཁབ་ཀྱི་དབུལ་སྐྱོར་མ་དངུལ་གཡོ་ལེན་སོགས་བྱས་ཤིང་། དེའང་ 2012ནས་2014ལོ་བར་བུ་རྡོར་གྱིས་རྫོང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་རིང་ལས་གནས་ཀྱི་སྟབས་བདེ་སྤྱད་དེ་རྒྱལ་ཁབ་ཀྱི་དབུལ་སྐྱོར་མ་དངུལ་སྒོར་ཁྲི་152.2ལྷག་ཙམ་གཡོ་ལེན་གྱིས“དངུལ་སྦས་ཁུང”བཙུགས་པ་དང་། དེའི་ཁྲོད་སྒོར་ཁྲི་47.98ཤང་གྲོང་གི་ལས་དོན་སྒྲུབ་པའི་འགྲོ་གྲོན་ལ་སྤྱད་པ་དང་། སྒོར་ཁྲི་41.41རྫོང་ཐད་གཏོགས་ཀྱི་སྡེ་ཚན་གཞན་དག་དང་ཁག་བགོས་འགོ་ཁྲིད་ཀྱི་ལས་ཀའི་འགྲོ་གྲོན་ལ་སྤྱད་པ། སྒོར་ཁྲི་62.81ལྷག་ཡོད་པ་བཅས་རེད། གཞན་ཡང་བུ་རྡོར་གྱིས་ད་དུང་ལས་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ཁེ་ཕན་རག་ཐབས་བྱས་ནས་སྒོར་ཁྲི་གཉིས་རི་བའི་རྒྱུ་ནོར་བླངས་པ་དང“དངུལ་སྦས་ཁུང”ནང་ནས་སྒོར་7395བཏོན་ཏེ་རང་ཉིད་ལ་ལག་ཐོགས་ཁ་པར་ཞིག་ཉོས་པ་རེད། དེས་ན། བུ་རྡོར་ལ་ལོ་གཉིས་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པ་དང་སྲིད་འཛིན་གྱི་ལས་གནས་གནས་དབྱུང་གཏོང་བའི་ཆད་པ་བཅད་པ་དང་། ཁོའོ་ཡོན་གཞིར་བཟུང་བསྐྱར་དུ་རྒན་ཡོལ་ཐོབ་ཆ་གཏན་འཁེལ་བྱ་རྒྱུ་རེད།

    读完这篇文章后,您心情如何?
    • 0
    • 0
    • 0
    • 0
    • 0
    • 0
    • 0
    • 0